ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་མཚོ་དམག་གིས་ས་དཀྱིལ་མཚོ་ཁོངས་ནས་མཚོ་ཐོག་དང་སྐམ་སའི་འཐབ་འཁྲུག་གི་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ།ཨེ་ཅིབ་མཚོ་དམག་གིས་ཉིན་དེར་ས་དཀྱིལ་མཚོ་ཁོངས་ནས་མཚོ་ཐོག་དང་སྐམ་སའི་འཐབ་འཁྲུག་གི་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར།ཨེ་ཅིབ་མཁའ་སྲུང་དམག་དཔུང་དང་མཁའ་འབབ་དམག་དཔུང་།དམིགས་བསལ་དམག་དཔུང་བཅས་ཉིན་དེའི་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་། དམག་དོན་སྦྱོང་བརྡར་སྐབས་སུ་ནུབ་བྱང་གི་རླུང་རིམ་པའི་མཚོ་ཐོག་དང་སྐམ་ས་གཉིས་སྤྱོད་ཀྱི་དཔུང་འཇུག་གྲུ་གཟིངས་དང209རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས། F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོགས་བཀོལ་སྤྱོད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར།ཉིན་དེའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་མཚོ་ཐོག་དང་སྐམ་སའི་འཐབ་འཁྲུག་གི་བྱེད་ཐབས་མང་བོར་སྦྱོང་བརྡར་བྱས་ཤིང་།དམག་དོན་སྦྱོང་བརྡར་ལ་ཞུགས་པའི་འགེབས་སྲུང་གྲུ་གཟིངས་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བྱེད་པའི་གྱེན་འཕུར་གནམ་གྲུ་ཡིས་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འགད་རྫས་འགའ་གཏོང་འཕེན་བྱས་ཏེ། ཨེ་ཅིབ་དམག་དཔུང་གི་མཚོ་ཐོག་དང་སྐམ་ས་གཉིས་ཀྱི་འཐབ་འཁྲུག་ནུས་པ་ཕྱོགས་ཡོངས་ནས་མངོན་པར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།