ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ན་ནིང་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་དགུ་བརྒྱ་ཙམ་ལ་ཆམ་ཕབ་བཏང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་གསུམ་ཉིན་ན་ནིང་རྒྱལ་ཁོངས་བརྒལ་བའི་དགྲ་བོའི་དམིགས་འབེན་ལ་ཆམ་ཕབ་བཏང་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས། དེའི་ནང་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་དགུ་བརྒྱ་དང་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ང་བཞིར་ཆམ་ཕབ་བཏང་ཡོད། 

བསྡོམས་རྩིས་བྱས་པ་ལྟར་ན། ན་ནིང་དབྱི་སི་རལ་དམག་དཔུང་གིས་བསྡོམས་པས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་དགུ་བརྒྱ་ཙམ་ལ་ཆམ་ཕབ་བཏང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་དམིགས་འབེན་བརྒྱད་བརྒྱ་དང་རེ་ལྔ་ལས་ཇེ་མང་དུ་སོང་ཡོད། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་དང་སྒྱོགས་མདེལ་སྟོང་གཅིག་དང་ཉིས་བརྒྱ་གོ་ལྔ་གཏོང་འཕེན་བྱས་ཡོད་ལ། དེའི་ནང་མེ་ཤུགས་འཕུར་མདའ་བཞི་བརྒྱ་དང་དོན་བརྒྱད་དབྱི་སི་རལ་དམག་དཔུང་གི་འཕུར་མདའི་འགོག་སྲུང་མ་ལག་གིས་བཀག་ཡོད། ན་ནིང་ལོ་མཇུག་བར་དབྱི་སི་རལ་གྱིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་སྤྱི་ལེ་ཞེ་བདུན་ལྷག་ཡོད་པའི་འགོག་སྲུང་བར་གྱང་འཛུགས་སྐྲུན་བྱས་ཡོད་པ་རེད། 

དེ་ནི་དབྱི་སི་རལ་གྱིས་ཐོག་དང་པོར་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་བའི་ཁ་གྲངས་ཁྱབ་སྒྲོག་བྱས། དབྱི་སི་རལ་གྱིས་ད་རུང་སི་རི་ཡཱའི་བར་གྱི་མཐའ་མཚམས་ས་ཁུལ་དུ་སྤྱི་ལེ་སོ་བརྒྱད་ཡོད་པའི་འགོག་སྲུང་བར་གྱང་ཞིག་འཛུགས་སྐྲུན་བྱས་ཡོད་པ་རེད། དབྱི་སི་རལ་གྱིས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་བཟོས་པའི་ལེ་པཱ་ནུན་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་པའི་ས་འོག་ཕུག་ལམ་དྲུག་གཏོར་བཤིག་བཏང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།