ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་དབྱི་ལང་གི་མགོ་ཁྲིད་པས་ཁ་པར་ལས་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་བདེ་འཇགས་གནད་དོན་སྐོར་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་དབྱི་རག་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་མད་ཧི་ཏེ་ལ་ཁ་པར་བཏང་ནས། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་བདེ་འཇགས་སོགས་ཀྱི་གནད་དོན་སྐོར་ནས་གྲོས་མོལ་བྱས།

དབྱི་རག་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མད་ཧི་ཏེ་ལ་ཚེས་སོ་གཅིག་ཉིན་གྱི་དགོང་མོར་ཐི་ལང་ཕུའུ་ཡི་ཁ་པར་འབྱོར་བ་དང་། ཐི་ལང་ཕུའུ་ཡིས་དབྱི་རག་གི་གནས་བབ་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་བདེ་འཇགས་གནས་ཚུལ་དྲིས་སོང་ཟེར། མད་ཧི་ཏེ་ཡིས་མིག་སྔའི་དོན་དག་ནི་ཨ་མེ་རི་ཁས་དབྱི་རག་གི་དམིགས་འབེན་ལ་འཇབ་རྒོལ་བྱས་རྗེས་བྱུང་བ་ཡིན་ལ། དབྱི་རག་ཕྱོགས་ཀྱིས་ཨ་མེ་རི་ཁར་བར་སྣང་ནས་འཇབ་རྒོལ་བྱས་ན་འབྱུང་སྲིད་པའི་མཇུག་འབྲས་ཀྱི་ཚབས་ཆེན་རང་བཞིན་གྱི་སྐོར་སྔོན་ནས་བཤད་མྱོང་ཞེས་བཤད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། མད་ཧི་ཏེ་ཡིས་དབྱི་རག་བདེ་འཇགས་དམག་དཔུང་གིས་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་ཕྱི་འབྲེལ་གཞུང་ཚབ་ཚོགས་པ་དང་འཐུས་མི་གཞན་དག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་ཡིན། དབྱི་རག་སྲིད་གཞུང་གིས་དུས་ནམ་ཡིན་རུང་དབྱི་ལང་དང་བཅས་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་མཛའ་མཐུན་རྒྱལ་ཁབ་བར་དུ་འབྲེལ་བ་བཟང་པོ་འཛིན་པར་འབད་བརྩོན་བྱེད་བཞིན་ཡོད་མོད། ཡིན་ནའང་ཕྱོགས་གཉིས་བར་དུ་འགལ་བ་གནས་པས། མིག་སྔར་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་བཤད་པ་དང་། ཨ་མེ་རི་ཁ་དང་དབྱི་ལང་ཕྱོགས་གཉི་གས་དམག་འཁྲུག་སློང་མི་འདོད་པའི་ཚུལ་བསྟན་པས། དབྱི་རག་གིས་བལྟས་ན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་དགོས་སྙམ་ཞེས་བཤད་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་བསྒྲགས་སྤེལ་ནས། ཐི་ལང་ཕུའུ་དང་མད་ཧི་ཏེ་གཉིས་ཀྱིས་ཁ་པར་བཏང་ནས་ས་ཁུལ་བདེ་འཇགས་ཀྱི་གནད་དོན་སྐོར་ནས་གྲོས་མོལ་བྱས་པ་དང་། ཐི་ལང་ཕུའུ་ཡིས་དབྱི་རག་ན་ཡོད་པའི་ཨ་མེ་རི་ཁའི་མི་སྣ་དང་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན་ཡོད་ཅེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་ཨེ་སི་པོ་ཡིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁ་ཕྱོགས་ཀྱིས་དམག་ཤུགས་བསྣན་ནས་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་བཤད། གསལ་བསྒྲགས་ནང་དུ་དམག་ཤུགས་ཅི་ཙམ་བསྣན་པ་བཤད་མེད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྲིན་ཀྲུའུ་དམག་དཔུང་གི་དབྱི་རག་དང་སི་རི་ཡའི་མངའ་ཁོངས་སུ་ཡོད་པའི་སྒྲིག་ཆས་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེས་ཨ་མེ་རི་ཁས་མགོ་ཁྲིད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་དབྱི་རག་མངའ་ཁོངས་ཀྱི་དམག་དོན་རྟེན་གཞི་ལ་ཐེངས་མང་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཡིན་ཟེར། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་རྩ་འཛུགས་མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པ་དེས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁས་རྩ་འཛུགས་དེའི་དབྱི་རག་དང་སི་རི་ཡའི་མཐའ་མཚམས་སུ་ཡོད་པའི་རྟེན་གཞི་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་མི་ཉེར་ལྔ་བསད་པ་དང་། མི་ང་གཅིག་རྨས་སོང་ཞེས་བཤད། དབྱི་རག་ནང་སྲིད་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྔམ་སྟོན་པ་བརྒྱ་ཕྲག་འགས་ཚེས་སོ་གཅིག་ཉིན་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མདུན་ནས་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་ངོ་རྒོལ་བྱས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།