ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེས་ཨུ་རུ་སིའི་བར་དུ་སི་རི་ཡའི་དབྱི་ཏི་ལེ་པུའུ་ཡི་གནས་བབ་ཐད་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་པར་འབད་བརྩོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཁ་ལིན་གྱིས་ཚེས24ཉིན་བཤད་རྒྱུར། ཐུར་ཁེས་ཨུ་རུ་སི་ལ་གྲོས་མོལ་བྱས་ཏེ་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་དབྱི་ཏི་ལེ་པུའུ་ཞིང་ཆེན་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་གསར་པ་ལག་བསྟར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

ཁ་ལིན་གྱིས་ཉིན་དེར་བརྙན་འཕྲིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་གྱི་དམིགས་ཡུལ་ནི་ས་ཁུལ་དེ་ན་མཚམས་མ་ཆད་པར་འབྱུང་བཞིན་པའི་དྲག་ཤུགས་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུ་དེ་ཡིན་ལ། དྲག་ཤུགས་དཔུང་འཇུག་དེ་ངེས་པར་དུ་དམག་འཁྲུག་མཚམས་འཇོག་པའི་ཆ་རྐྱེན་གསར་པའི་འོག་ཏུ་མྱུར་མོར་མཇུག་རྫོགས་པར་བྱེད་དགོས་ཟེར།

ཐུར་ཁེས་ཚེས་23ཉིན་འཐུས་ཚབ་ཚོགས་པ་མངགས་ནས་མཱོ་སི་ཁོ་ལ་སོང་སྟེ། ཨ་རུ་སི་ཕྱོགས་ལ་དབྱི་ཏི་ལེ་པུའུ་ཡི་གནས་བབ་སྐོར་ནས་གྲོས་མོལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།