ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཞི་བདེའི་ཆིངས་ཡིག་ལ་གྲོས་བསྡུར་བྱས་ནས་རྩོད་གཞིར་གྱུར་བའི་གླིང་ཚོམས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་མའོ་མུའུ་མེན་ཁྲུང་དང་གྲོས་མོལ་བྱས་ཏེ། ཞི་བདེའི་ཆིངས་ཡིག་ལ་གྲོས་བསྡུར་བྱས། 

འཇར་པན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧེ་པུའུ་ཏུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དུས་ཚོད་ལྔའི་རིང་གྲོས་མོལ་བྱས་པ་དང་། གཙོ་བོ་ཞི་བདེའི་ཆིངས་ཡིག་ལ་གྲོས་བསྡུར་བྱས་ཡོད་ལ། སང་ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་པུའུ་ཀྲང་རིམ་པའི་ཐད་ཀར་གྲོས་མོལ་སྤེལ་ནས། ཕྱོགས་གཉིས་ཀྱི་རྩོད་གཞིར་གྱུར་བའི་གླིང་ཚོམས་ནས་དཔལ་འབྱོར་མཉམ་ལས་སྤེལ་བར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་། 

ཨུ་རུ་སི་དང་འཇར་པན་གྱི་ས་ཁོངས་རྩོད་གླེང་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་དང་ངོ་བོའི་རང་བཞིན་ལྡན་ཟེར། མའོ་མུའུ་མེན་ཁྲུང་གིས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སིའི་བར་གྲོས་མོལ་བྱས་ཏེ། ཐག་གཅོད་བྱ་དགོས་པའི་གནད་དོན་གསལ་བོར་བྱས་ཏེ་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འགོད་པར་སྟབས་བདེ་བཟོ་དགོས་ཟེར། 

དེ་ནི་མའོ་མུའུ་མེན་ཁྲུང་གིས་ཟླ་དགུ་བར་ལས་འགན་ཁུར་རྗེས་ཐོག་དང་པོར་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་ཡིན་ཞིང་། ཉེ་བའི་ཟླ་ངོ་བཞིའི་རིང་ལཱ་ཧྥུའུ་ལོ་ཧྥུའུ་དང་མའོ་མུའུ་མེན་ཁྲུང་གིས་སྤེལ་བའི་གྲོས་མོལ་ཐེངས་གསུམ་པ་རེད། ཧེ་པུའུ་ཏུའུ་ཡིས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་མའོ་མུའུ་མེན་ཁྲུང་གིས་སང་ལོའི་ཟླ་གཉིས་པར་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་སུ་ཡང་བསྐྱར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།