ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཙི་པེ་ཁི་སི་ཐན་གྱི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་གྱི་ས་འོག་ལྕགས་ལམ་གྱི་འཛུགས་སྐྲུན་ལས་ཡུལ་ཞིག་ནས་ཉིན་དེར་རྡིབས་སྐྱོན་བྱུང་སྟེ། མིག་སྔར་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། ཉེ་སྔོན་ས་དེར་བསྟུད་མར་ཆར་བ་བབས་པ་དང་། རྡིབས་སྐྱོན་ནི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་བྱུང་བ་ཡིན་ལ། དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅུ་བཞིའི་ཡས་མས་བར་དོན་རྐྱེན་དེ་ལས་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།
མིག་སྔར་འབྲེལ་ཡོད་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཅིང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་འབྲེལ་ཡོད་སྡེ་ཁག་གིས་ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ཏེ་དོན་རྐྱེན་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱ་དགོས་པར་མ་ཟད། འདས་པོའི་ཁྱིམ་མར་རོགས་སྐྱོར་བྱ་དགོས་པའི་མཛུབ་སྟོན་བྱས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་སའི་ས་འོག་ལྕགས་ལམ་གྱི་འཛུགས་སྐྲུན་ལས་ཡུལ་ཞིག་ལྡིབས་སྐྱོན་བྱུང་ནས་མི་བཞི་རྐྱེན་ལམ་དུ་ཤོར།