ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་དང་ཨ་སེ་པེད་ཅང་གིས་ཕན་ཚུན་གྱི་བདག་དབང་སླར་གསོ་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་དུ་འཚམས་འདྲི་བྱེད་བཞིན་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་བདུན་ཉིན་པཱ་ཁུའུ་ནས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་སེ་པེད་ཅང་གིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱིའི་སྟེང་ཁས་ལེན་པའི་རྒྱལ་མཚམས་ནང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་སླར་གསོ་བྱ་དགོས་ཟེར། 

ཙེ་ལེན་སི་ཅི་ཡིས་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ང་ཚོ་ཕྱོགས་གཉིས་ཀྱིས་གཙོ་བོ་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་གྲོས་གཞིར་གྲོས་བསྡུར་བྱས་ཤིང་། ཆེས་གལ་ཆེ་བ་ནི་ང་ཚོས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་དང་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཕྱོགས་གཉིས་དང་རྒྱལ་སྤྱིའི་ཚོགས་ར་ནས། ཝུའུ་ཁི་ལན་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་བདག་དབང་སླར་གསོ་དང་མངའ་ཁོངས་ཆ་ཚང་ཡོང་བར་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། 

ཨ་ལེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཨ་སེ་པེད་ཅང་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བྱུང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་གནས་སྐོར་སོགས་ཁྱབ་ཁོངས་མང་བོར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།