ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཧའོ་སི་ཐི་ཞིང་ཆེན་ནས་ཚེས་བཅུ་བདུན་ཉིན་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར། 

ཧའོ་སི་ཐི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཨ་ཏི་ཨར་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་ལྔའི་ཡས་མས་སུ། རླངས་འཁོར་ཞིག་ལ་ཨ་ལི་ཞེ་ཨར་ས་ཁུལ་ནས་ལམ་འགྲམ་གྱི་འགད་རྫས་ལ་འཕྲད་དེ་འགས་གཏོར་བཏང་། འདས་པོའི་གྲོས་སུ་བུད་མེད་གཉིས་དང་བྱིས་པ་གསུམ་འདུས་ཟེར། 

ཨ་ཏི་ཨར་གྱིས་ཐཱ་ལེ་པན་གྱིས་ལམ་འགྲམ་དུ་འགད་རྫས་སྦས་པར་སྐྱོན་འཛུགས་བྱས་ཀྱང་། ཐཱ་ལེ་པན་ཕྱོགས་ཀྱིས་དོན་དེའི་ཐད་ནས་ལན་ཅི་ཡང་བཏབ་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།