ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱའི་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱའི་རྒྱལ་ས་ཏཱ་ཁཱའི་ཉེ་འདབས་ཀྱི་བཟོ་གྲྭ་ཞིག་ལ་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མེ་སྐྱོན་བྱུང་བའི་བཟོ་གྲྭ་དེ་ནི་གློག་སྒུལ་རླུང་འཁོར་སྒྲིག་སྦྱོར་བྱེད་ས་ཞིག་རེད་ཟེར། མེ་གསོད་མི་སྣས་དུས་ཚོད་གཉིས་ལྷག་ལ་འབད་འབུངས་བྱས་ཏེ་མེ་ཤུགས་ཚོད་འཛིན་བྱེད་ཐུབ་པ་བྱུང་བ་དང་། ཡུལ་དངོས་ནས་འདས་པོའི་བེམ་པོ་བཅུ་རྙེད་ཡོད། མེ་སྐྱོན་དེའི་འབྱུང་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས་ལ། འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཟླ་འདིའི་ཚེས་བཅུ་གཅིག་ཉིན། ཏཱ་ཁཱའི་ཉེ་འདབས་ས་ཁུལ་དུ་རང་བྱུང་སོལ་རླངས་ཕྱིར་ཤོར་བ་ལས་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བདུན་ལ་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།