ཨུ་རུ་སི་ཡིས་ཨུ་རུ་སིར་སྡོད་པའི་འཇར་མན་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་མཐར་སྐྲོད་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིར་སྡོད་པའི་འཇར་མན་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་མཐར་སྐྲོད་བཏང་སྟེ། འཇར་མན་གྱིས་ཨུ་རུ་སིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་མཐར་སྐྲོད་བཏང་བར་རྒོལ་ལན་སྤྲོད་རྒྱུ་ཐག་བཅད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སི་རུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོ་ཧྥུན་ཀའེ་ཨར་བོས་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་འཇར་མན་གྱིས་ཟླ་འདིའི་ཚེས་བཞིའི་ཉིན་འཇར་མན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་པར་གཞི་འཛིན་ས་ཅི་ཡང་མེད་པས། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་འདྲ་མཉམ་གྱི་རྩ་དོན་དང་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་གཞིར་བཟུང་ནས་རྒོལ་ལན་སྤྲོད་རྒྱུ་ཐག་བཅད་པ་དང་། ཨུ་རུ་སིར་སྡོད་པའི་འཇར་མན་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་པར་མ་ཟད། ཉིན་བདུན་གྱི་ནང་མི་དེ་གཉིས་ཨུ་རུ་སི་དང་ཁ་འབྲལ་དགོས་པའི་རེ་བ་བཏོན་ཡོད་ལ། འབྲེལ་ཡོད་ཀྱི་ཡིག་ཆ་ཨུ་རུ་སིར་སྡོད་པའི་འཇར་མན་གཞུང་ཚབ་ཆེན་མོར་སྤྲད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།