ཀྲུང་གོ་བོད་ཀྱི་དྲ་བ།

​འཛམ་གླིང་ངར་ལངས་སྨན་འགོག་པའི་སྒྲིག་གཞིས་ཨུ་རུ་སུ་ལ་ལོ་བཞི་ཡི་འགྲན་བསྡུར་བཀག་སྡོམ་བྱ་རྒྱུའི་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ངར་ལངས་སྨན་འགོག་པའི་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱིས་སུའེ་ཙེར་གྱི་ལའོ་སང་དུ་ཚོགས་འདུ་འཚོགས་ནས་ཨུ་རུ་སུར་རྒྱལ་སྤྱིའི་འགྲན་བསྡུར་གལ་ཆེན་ནང་ཞུགས་མི་ཆོག་པའི་ལོ་བཞིའི་ཆད་པ་བཅད་པ་དེས་ཨུ་རུ་སུའི་ལུས་རྩལ་པས་ཨུ་རུ་སུའི་ཚབ་བྱས་ནས2020ལོའི་ཐོ་ཁེའོ་དབྱར་དུས་ཨོ་རྩལ་འགྲན་ཚོགས་དང2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མི་ཐུབ་པ་མཚོན་ཡོད། ཟླ་གོང་མའི་ཚེས་25ཉིན་འཛམ་གླིང་ངར་ལངས་སྨན་འགོག་པའི་སྒྲིག་གཞིའི་གཤམ་འོག་ཨུ་ལྷན་གྱིས་མོ་སི་ཁོའི་ངར་ལངས་སྨན་འགོག་པའི་ཚོད་ལྟ་ཁང་གི་གྲངས་གཞི་རྫུན་བཟོ་བྱས་པ་རྒྱུ་མཚན་དུ་བྱས་ནས་རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོའི་ཐོག་ཨུ་རུ་སུར་ལོ་བཞི་ཡི་འགྲན་བསྡུར་བཀག་སྡོམ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

1_1635f6da0258414fa740accb8aac07c8.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།