ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་ཀྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་ནུས་ཁུངས་པུའུ་ཡིས་ཚེས་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། མ་བཅོས་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་ཟོ་ཁྲི་གཅིག་དང་སྟོང་བདུན་ནས་ཟོ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བཞི་སྟོང་གསུམ་ཇེ་ཉུང་དུ་བཏང་སྟེ། དོན་དངོས་བྱ་སྤྱོད་ལས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་མིན་པའི་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཀྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར། 

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་མིན་པའི་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཙོ་བོས་ཚེས་དྲུག་ཉིན་ཝེ་ཡེ་ནཱ་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་པར་མ་ཟད། གྲོས་ཚོགས་གྲོལ་རྗེས་ཁྱབ་སྒྲོག་བྱས་དོན། མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་ཚད་ད་ལྟའི་ཉིན་རེའི་ཟོ་ས་ཡ་གཅིག་དང་འབུམ་གཉིས་ནས་ཟོ་ས་ཡ་གཅིག་དང་འབུམ་བདུན་ལ་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར། 

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཡིན་པའི་ཆ་ནས། ཧཱ་སག་སི་ཐན་གྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་གཞན་པའི་བར་མཉམ་ལས་གང་ལེགས་བྱས་ཏེ། རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། ཧཱ་སག་སི་ཐན་གྱིས་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།