རྒྱ་གར་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་དབུས་ཁུལ་དུ་ཚེས་ལྔ་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུར་རྨས་ཕོག་ཟེར། 

དོན་རྐྱེན་དེ་དབུས་ཁུལ་གྱི་པའོ་ཕཱ་ཨར་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ལྔ་བརྒྱའི་མཚམས་སུ་ཡོད་པའི་ལོས་ཝ་ས་ཁུལ་ནས་བྱུང་བ་རེད། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཡས་མས་སུ། སྤྱི་སྤྱོད་རླངས་འཁོར་ཞིག་ལམ་འགྲམ་དུ་བཞག་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་སྟེ་མི་སྣར་ཤི་རྨས་ཚབས་ཆེན་ཐེབས། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བའི་སྨྱོན་པའི་བྱ་སྤྱོད་ལས་དོན་རྐྱེན་དེ་བྱུང་བ་རེད། 

དབུས་ཁུལ་གྱི་དབུ་བཞུགས་པུའུ་ཀྲང་ནཱ་ཐི་ཡིས་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས་པར་མ་ཟད། བཀའ་རྒྱ་བཏང་སྟེ་རྨས་མ་དག་ལ་རོགས་སྐྱོར་གང་ལེགས་འདོན་སྤྲོད་བྱ་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།