ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་རྒོལ་ལན་གྱི་ཚུལ་དུ་ཨུ་རུ་སི་རུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་མཐར་སྐྲོད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་སྲིད་གཞུང་གིས་ཚེས་བཞི་ཉིན་ཨུ་རུ་སིའི་ཕྱོགས་ཀི་ལུའུ་ཅི་ཡཱའི་སྐྱེས་པ་ཞིག་འཇར་མན་ནས་ལྐོག་གསོད་ཐེབས་པའི་དོན་རྐྱེན་ལ་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས་པ་དང་། འཇར་མན་ཕྱོགས་ཀྱིས་ཨུ་རུ་སི་དོན་དེར་ཞུགས་ཡོད་པར་དོགས་པ་ཟས་ནས་ཨུ་རུ་སིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་མཐར་སྐྲོད་བཏང་བའི་བྱ་སྤྱོད་ལས་ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་བྱེད་ཐབས་སྤྱོད་ངེས་ཡིན་ཟེར། 

ད་ལོའི་ཟླ་བརྒྱད་པར། ཀི་ལུའུ་ཅི་ཡཱའི་སྐྱེས་པ་ཞིག་འཇར་མན་གྱི་པའོ་ལིན་ནས་མེ་མདས་བརྒྱབ་སྟེ་རྐྱེན་ལམ་དུ་ཤོར། དོན་རྐྱེན་བྱུང་རྗེས། འཇར་མན་ཕྱོགས་ཀྱིས་ཨུ་རུ་སིའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་མན་གྱི་རྟོག་ཞིབ་ལ་གཞོགས་འདེགས་བྱེད་པར་ཁས་ལེན་མ་བྱས་པས། འཇར་མན་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན་འཇར་མན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཀི་ལུའུ་ཅི་ཡཱའི་སྐྱེས་པ་འཇར་མན་ནས་ལྐོག་གསོད་ཐེབས་པའི་དོན་རྐྱེན་དེ་ཨུ་རུ་སིར་འབྲེལ་བ་སྤུ་ཙམ་ཡང་མེད་པ་དང་། འཇར་མན་ཕྱོགས་ཀྱི་དོགས་གཞི་དེར་གཞི་འཛིན་ས་ཅི་ཡང་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།