ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་ཞུགས་གོ་རིམ་ལེགས་སྒྲིག་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་3ཉིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ལག་བསྟར་ཨུ་ལྷན་གྱིས་སུའེ་ཙེར་གྱི་ལུའོ་སང་དུ་གཏན་འབེབས་བྱས་པར་གཞིགས་ན། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ནས་བཟུང་དབྱར་དུས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་ཞུགས་འཐུས་མིའི་ཚོགས་ཞུགས་གོ་རིམ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་། ཕྱོགས་གཅིག་ནས་འབྱུང་འགྱུར་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་མངོན་གསལ་དུ་གཏོང་རྒྱུ་དང་དུས་མཚུངས་སུ་ཡུལ་གྱར་བའི་འཐུས་མི་ཚོགས་པའི་ཚོགས་ཞུགས་གོ་རིམ་ཆེས་ཆེར་སྔ་སྣུར་བྱ་རྒྱུ་ཡིན་པ་རེད།

རྒྱུན་སྲོལ་ལྟར་ན། སྐབས་རེའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་འཐུས་མི་ཚོགས་པ་དེ་མཐའ་མཇུག་ཏུ་གྲལ་བསྒྲིགས་ཡོད། གཏན་འབེབས་གསར་ཤོས་ལ་གཞིགས་ན། འབྱུང་འགྱུར་ཨོ་རྩལ་འགྲན་ཚོགས་ཀྱི་དབང་ཆ་ཐོབ་པའི་རྒྱལ་ཁབ་བམ་ཡང་ན་ས་ཁུལ་གྱི་འཐུས་མི་ཚོགས་པས་སྐབས་དེའི་མགྲོན་བདག་གི་འཐུས་མིའི་མདུན་དུ་འཁྲབ་སྟོན་བྱས་ནས་འབྱུང་འགྱུར་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་གི་དམིགས་བསལ་གནས་བབ་མངོན་པར་བྱ་རྒྱུ་རེད།

དེ་ཐོག་ནས་སང་ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་མཐའ་མའི་འཐུས་མི་ཚོགས་པ་གསུམ་ནི་ཨ་རི(2028ལོའི་ལུའོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས)དང་། ཧྥ་རན་སེ(2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས)། འཇར་པན་བཅས་ཡིན་པ་རེད། བྱེད་ཐབས་འདི་སླད་ཕྱིན་གྱི་དབྱར་དུས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་(དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལོགས་སུ་དབྱེ་ནས་ལག་བསྟར་བྱེད་པ) མུ་མཐུད་སྤྱོད་རྒྱུ་རེད།

གཞན་ཡང་ལི་གཡོ་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་ཡུལ་གྱར་བའི་འཐུས་མི་ཚོགས་པ་ཐོག་མ་དེ་མགྲོན་བདག་རྒྱལ་ཁབ་པར་ཙིར་གྱི་གོང་ཏུ་ཡོད། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཐོག་ཡུལ་གྱར་བའི་འཐུས་མི་ཚོགས་པའི་འགྲན་བསྡུར་གྱི་གོ་རིམ་སྔ་སྣུར་ཆེས་ཆེར་བྱ་རྒྱུ་ཡིན་པ་དང་ཁོང་ཚོས་ཨོ་རྩལ་གྱི་འབྱུང་གནས་མཚོན་པའི་ཀེ་རི་སེའི་རྗེས་སུ་ཨང་གཉིས་པར་བསྐྱོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།