ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་ནུབ་ཕྱོགས་ཀྱི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་ཉིན་དེར་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མེ་ཤུགས་འཕུར་མདའ་ལྔ་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་ཕོག་ཀྱང་། མི་སྣང་ཤི་རྨས་བཟོས་མེད་ཟེར། གསལ་སྒྲོག་ལས་འཇབ་རྒོལ་དོན་རྐྱེན་དེའི་ནང་དོན་ཞིབ་ཏུ་བརྗོད་མེད། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།