ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི“ཟླ་བའི་གྲུ་གཟིངས་ཨང་2པ”འཚོལ་ཞིབ་འཕྲུལ་ཆས་ཀྱི་ཐང་འབབ་ཡོ་བྱད“ཝེ་ཁེ་ལ་མོ”རྟགས་ཅན་སར་ལྷུངས་ནས་བརླག་པའི་ངོས་འཛིན་བྱས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191204091045.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་3ཉིན་ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས(NASA)ཀྱིས་གསལ་བསྒྲགས་སྤེལ་ནས་རྒྱ་གར་གྱི“ཟླ་བའི་གྲུ་གཟིངས་ཨང་2པ”འཚོལ་ཞིབ་འཕྲུལ་ཆས་ཀྱི་ཐང་འབབ་ཡོ་བྱད“ཝེ་ཁེ་ལ་མོ”རྟགས་ཅན་སར་ལྷུངས་ནས་བརླག་པའི་ངོས་འཛིན་བྱས་ཡོད།

ད་ལོའི་ཟླ་7པར་རྒྱ་གར་གྱིས“ཟླ་བའི་གྲུ་གཟིངས་ཨང་2པ”འཕེན་གཏོང་བྱས་ནས་ཟླ་9ཚེས་7ཉིན་ཟླ་བའི་གོ་ལའི་ངོས་སུ་འབབ་རྒྱུའི་ཚོད་ལྟ་བྱས་པ་རེད། འོན་ཀྱང་ས་ངོས་དང་བར་ཐག་སྤྱི་ལེ་2.1ལས་མེད་སྐབས“ཝུའེ་ཁེ་ལ་མོ”རྟགས་ཅན་གྱི་ཐང་འབབ་ཡོ་བྱད་དེ་སྔོན་གྱི་གཏན་འཁེལ་བྱས་པའི་འཁོར་ལམ་དང་བྲལ་ནས་འབྲེལ་བ་ཆད་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།