ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་འཐུས་མི་ཨ་མེ་རི་ཁར་སོང་ནས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དོན་གྲོན་དངུལ་བགོ་བཤའ་བྱེད་པའི་གྲོས་ཆོད་གསར་བར་གྲོས་བསྡུར་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་དཔོན་རིགས་ཚེས་གཉིས་ཉིན་ཨ་མེ་རི་ཁར་ཆས་པ་དང་། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དོན་གྲོན་དངུལ་བགོ་བཤའ་བྱེད་པའི་གྲོས་ཆོད་གསར་བའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་སྐོར་ཐེངས་བཞི་བ་སྤེལ་རྒྱུ་རེད། 

ཧན་གོའི་ཕྱོགས་ཀྱི་དབུ་བཞུགས་འཐུས་མི་ཀྲིན་ཨིན་ཕུའུ་ཡིས་ཚེས་གསུམ་ཉིན་ནས་ཚེས་བཞིའི་ཉིན་བར་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་ཨ་མེ་རི་ཁའི་དབུག་བཞུགས་འཐུས་མི་ཏི་ཧཱ་ཐི་དང་གྲོས་མོལ་བྱེད་རྒྱུ་རེད། ཀྲིན་ཨིན་ཕུའུ་ཡིས་ཚེས་གཉིས་ཉིན་རིན་ཁྲོན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དང་ལེན་བྱ་ཐུབ་པའི་གྲོས་ཆོད་ཅིག་འགོད་ཐུབ་པའི་རེ་བ་ཡོད་ཟེར། 

ཀྲིན་ཨིན་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་གྲོས་མོལ་སྐོར་ཐེངས་གསུམ་པའི་ཁྲོད་སྔ་བ་བྱས་ནས་ཚོགས་ར་དང་བྲལ་ཡང་། ཧན་གོའི་ཕྱོགས་ཀྱིས་སྔར་བཞིན་གྲོས་མཐུན་བཀོད་དེ། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་དང་འགོག་སྲུང་རོགས་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།