ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོའི་བྱང་ཕྱོགས་ས་ཁུལ་ནས་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱས་ཏེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོའི་བྱང་ཕྱོགས་ཀྱི་ཁི་ཨ་ཝེ་ལཱ་ཀྲིག་གི་ཀྲིག་ཀྲང་ལི་ཁི་ཨར་མེ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཀྲིག་དེར་ཉིན་དེར་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་བའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཉེན་རྟོག་པ་བཞི་འདུས། གཞན་ཡང་མི་མང་བོར་རྨས་ཕོག་པའམ་ཡང་ན་གར་སོང་རྙེད་མེད་ཟེར། 

ལི་ཁི་ཨར་མེ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེའི་ཉིན་གུང་མཚོན་ཆ་ཆེ་གྲས་བཟུང་བ་དང་། རླངས་འཁོར་བཅུ་ལྷག་བསྐོར་ནས་ཁི་ཨ་ཝེ་ལཱ་ཀྲིག་གི་ཝུའུ་ནེ་ཝུན་གྲོང་རྡལ་དུ་དཔུང་འཇུག་བྱས། ས་དེའི་སྲིད་གཞུང་གི་གཞུང་སྒྲུབ་བྱེད་ས་དང་ཉེན་རྟོག་པར་མེ་མདས་བརྒྱབ། དྲག་ཆས་ཉེས་ཅན་དང་ཉེན་རྟོག་ཕྱོགས་ཀྱིས་ཐེངས་མང་བོར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉས་ཅན་བཅུ་བསད་པ་དང་། ཉེན་རྟོག་བཞི་རྐྱེན་ལམ་དུ་ཤོར། གཞན་ཡང་མི་མང་བོར་རྨས་ཕོག་པའམ་གར་སོང་རྙེད་མེད་ཟེར།

ལི་ཁི་ཨར་མེ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་ནི་མའོ་ཞི་ཁོའི་བྱང་ཕྱོགས་ཀྱི་དུག་རྫས་ལྐོག་འཚོང་སྡེ་ཁག་གི་ཁོངས་མི་ཡིན་པ་དང་། དྲག་ཤུགས་ལ་བརྟེན་ནས་ཁི་ཨ་ཝེ་ལཱ་ཀྲིག་ནས་རྙོག་དྲ་དང་འཇིགས་སྣང་སློང་འདོད་པ་རེད། དོན་རྐྱེན་བྱུང་རྗེས་ས་དེའི་ཉེན་རྟོག་ཕྱོགས་ལ་ཉེ་འཁོར་ཉེན་རྟོག་དམག་དཔུང་གི་རོགས་སྐྱོར་ཐོབ་ནས། དྲག་ཆས་ཉེས་ཅན་ལ་རྒོལ་ལན་སྤྲད་པ་རེད། མིག་སྔར་གནས་བབ་ལ་ཚོད་འཛིན་ཐོབ་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།