ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏེ་ལའེ་ཨུན་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གསར་བ་ཧྥུན་ཏེ་ལའེ་ཨུན་ལ་ཁ་པར་བཏང་།

 ལིས་ཁི་ཆང་གིས་ཧྥུན་ཏེ་ལའེ་ཨུན་ལས་འགན་གསར་བ་འཁུར་བར་རྟེན་འབྲེལ་ཞུས་པ་དང་། མིག་སྔར་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་བར་ཕན་ཚུན་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན་པས་བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་ལ་དམིགས་ཏེ་འཐབ་ཇུས་འབྲེལ་བར་ཤུགས་སྣོན་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཚེ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ལ་མཉམ་ལས་ཁེ་ཕན་ཆེན་པོ་ལྡན་པ་མ་ཟད་འཛམ་གླིང་ལའང་ཕན་ཐོགས་ངེས་ཅན་ལྡན་པ་རེད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཆ་ནས། དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་དུས་ཡུན་རིང་བོ་ཞིག་འགྲོ་དགོས། ང་ཚོས《ཕ་རི་སིའི་གྲོས་ཆོད》ཀྱི་ཁས་ལེན་ལག་བསྟར་ཧུར་ཐག་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ཐད་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། བཟོ་ལས་ཅན་དང་། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད། ཁོར་ཡུག་ལེགས་བསྒྱུར་བྱེད་པའི་དུས་མཚུངས་སུ་ཡོ་རོབ་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་གནད་དོན་ལ་ཐུན་མོང་སྒོས་ཁ་གཏོད་དགོས།

 ལིས་ཁི་ཆང་གིས་ཡོ་རོབ་མནའ་འབྲེལ་སྒྲིག་གཞིའི་སྐབས་གསར་པའི་འགོ་ཁྲིད་རྣམས་སང་ལོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས22པར་ཞུགས་པར་དགའ་བསུ་ཞུས།

ཧྥུན་ཏེ་ལའེ་ཨུན་གྱིས་བསྟན་དོན། ང་རང་ལས་འགན་འཁུར་བའི་ཉིན་དེར་ཙུང་ལི་ལིས་ཁི་ཆང་དང་གླེང་མོལ་བྱས་ནས་ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་དང་བྱེད་བཞིན་ཡོད་པའི་བསམ་ཚུལ་བསྟན་ལ། སང་ལོ་ནི་ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པས་ཕྱོགས་གཉིས་པོར་མཐོ་རིམ་འགྲོ་འོང་རབ་དང་རིམ་པ་ཡོད་ཅེས་གསུངས་པ་རེད། ངས་སང་ལོར་ཀྲུང་གོ་རུ་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས22པ་འཚོག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཝང་དབྱི་དང་ཧོ་ལི་ཧྥུང་གོང་གསལ་གྱི་བྱེད་སྒོ་ནང་ཞུགས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།