ཀྲུང་གོ་བོད་ཀྱི་དྲ་བ།

ཀིན་ཀི་པུའུ་ཡང་བསྐྱར་ནཱ་སྨི་པུ་ཡཱའི་ཙུང་ཐུང་དུ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནཱ་སྨི་པུ་ཡཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ད་ལྟའི་ཙུང་ཐུང་ཀིན་ཀི་པུའུ་ལ་ཚེས་ཉེར་བདུན་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས། ཡང་བསྐྱར་ནཱ་སྨི་པུ་ཡཱའི་ཙུང་ཐུང་དུ་བདམས་ཡོད་ཟེར། 

ནཱ་སྨི་པུ་ཡཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ལྟར་ན། ཀིན་ཀི་པུའུ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ང་དྲུག་དང་གྲངས་ཆུང་གསུམ་གྱི་འདེམ་ཤོག་ཐོབ་ནས་བདེ་བླག་ངང་བསྟུད་འགན་ཁུར་ཐུབ་པ་བྱུང་། རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་དུ་སྲིད་འཛིན་པའི་ལྷོ་ནུབ་ཨ་ཧྥེ་རི་ཁ་གླིང་མི་དམངས་རྩ་འཛུགས་ཏང་ལ་ལས་གནས་རེ་གསུམ་ཐོབ་ཡོད་པ་དང་། མུ་མཐུད་དུ་ཆེས་མཐོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་ལས་གནས་ཆེས་མང་བོའི་གོ་གནས་སྲུང་འཛིན་བྱས་ཡོད། 

ཀིན་ཀི་པུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་གཏམ་བཤད་སྤེལ་ཏེ། ནཱ་སྨི་པུ་ཡཱའི་མི་དམངས་ཀྱིས་རང་ཉིད་ཀྱིས་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་རྒྱལ་ཁབ་ལ་ཞབས་འདེགས་ཞུས་ནས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་འབད་འབུངས་བྱ་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།