ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱིས་བྱ་བའི་ཚན་ཆུང་བཙུགས་ནས་དམག་དམངས་མཉམ་འདྲེས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་སྲིད་གཞུང་གིས་ཉེ་སྔོན་བྱ་བའི་ཚན་ཆུང་ཞིག་བཙུགས་པ་དང་། དམིགས་ཡུལ་ནི་རྒྱལ་ནང་གི་རྩེར་སོན་ཚན་རིག་ཞིབ་འཇུག་ལས་ཁུངས་དག་མ་འོངས་པའི་རྒྱལ་སྲུང་ཚན་རྩལ་གསར་སྤེལ་བྱེད་པར་ཞུགས་ཏེ། དམག་དམངས་མཉམ་འདྲེས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། 

བསྒྲགས་པ་ལྟར་ན། བྱ་བའི་ཚན་ཆུང་དེའི་མིང་ལ་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་ཀྱི་རིག་གཞུང་ལས་རིགས་ཀྱིས་མ་འོངས་པའི་ཚན་རྩལ་ལ་མཉམ་འབྲེལ་སྣེ་ཁྲིད་བྱེད་པ་ཞེས་སུ་འབོད་པ་དང་། རྒྱ་གར་རང་བྱུང་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དྷི་ལེའི་ཡན་ལག་སློབ་གྲྭའི་སློབ་གཙོ་ཡིས་ཀྲུའུ་ཞིའི་འགན་ཁུར་ཡོད་ལ། ཁོངས་མིར་རྒྱ་གར་ཚན་རིག་ཞིབ་འཇུག་ཁང་དང་ཧེ་ཏི་ལཱ་པཱ་སློབ་ཆེན་སོགས་ལས་ཁུངས་ཀྱི་འགན་ཁུར་བ། དེ་མིན་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་རིགས་བཅས་འདུས། 

རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ལས་གཞི་དྲུག་ཅུ་ལྷག་གཏན་འཁེལ་བྱས་ཡོད་པ་དང་། མང་ཆེ་བ་ནི་ཧ་ཅང་ཡང་བའི་མདའ་འགོག་ལྭ་བ་དང་། རུས་སྒྲོམ་ཅན་གྱི་འཕྲུལ་ཆས་སྒྲིག་ཆས། གྱེན་འཕུར་གནམ་གྲུར་འབྲེལ་བའི་སྔོན་ཐོན་མཚོན་ཆ། མིའི་བཟོས་རིག་ནུས་དང་འབྲེལ་བའི་དྲ་རྒྱའི་འགོག་སྲུང་མ་ལག་སོགས་ཚན་རྩལ་དང་དམག་དོན་གྱི་ཟུང་འབྲེལ་ཡིན་པ་རེད། ཞིབ་འཇུག་འཆར་གཞི་ལས་ད་རུང་རྒྱལ་སྲུང་མི་སྣའི་བདེ་ཐང་གནད་དོན་ལའང་དོ་སྣང་བྱས་ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། བྱ་བའི་ཚན་ཆུང་གིས་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་རྒྱ་གར་སྲིད་གཞུང་ལ་སྙན་ཞུ་སྤྲད་དེ་རྗེས་ཕྱོགས་ཀྱི་བྱ་བ་སྤེལ་རྒྱུ་རེད། བྱ་བའི་ཚན་ཆུང་གིས་ད་རུང་མཐོ་རིམ་སློབ་གསོའི་མ་ལག་གི་འཛུགས་སྐྲུན་དང་རྒྱལ་སྲུང་བདེ་འཇགས་ལ་འབྲེལ་བའི་ཞིབ་འཇུག་ལྟེ་གནས་དང་། དེ་མིན་ཞིབ་འཇུག་གསར་སྤེལ་མཉམ་ལས་ཀྱི་དཔྱད་འཇོག་རྐྱེན་སྲོལ་སོགས་འཛུགས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།