ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ས་ཁུལ་མང་བོར་ངོ་རྒོལ་བྱ་འགུལ་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གྲོས་ཁང་གི་ཁོངས་སུ་གཏོགས་པའི་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་བསྟན་དོན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་རེ་འགར། འདས་པའི་ཉིན་ལྔའི་ནང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་སོ་ལྔར་རྨས་ཕོག་ཡོད་ཟེར། 

ཨུ་ཡོན་ལྷན་ཁང་དེས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཚེས་བཅུ་དྲུག་ཉིན་ནས་ཚེས་ཉི་ཤུའི་ཉིན་བར། དབྱི་རག་བདེ་འཇགས་དམག་དཔུང་གིས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་དག་ལ་དུད་འཕྱུར་འགད་རྫས་སོགས་བཀོལ་ནས་འཇིགས་སྐུལ་བ་དང་། པཱ་ཀ་ཏཱ་དང་ལྷོ་ཕྱོགས་ཀྱི་ཅི་ཅཱ་ཨར་ཞིང་ཆེན། པཱ་ཧྲི་ལཱ་ཞིང་ཆེན་བཅས་སུ་བསྡོམས་པས་མི་དགུ་རྐྱེན་ལམ་དུ་ཤོར་ཡོད། པཱ་ཀ་ཏཱ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལས་འཁྲུག་རྩོད་བྱུང་སྟེ་རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་དང་སོ་ལྔར་རྨས་ཕོག་ཡོད་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།