ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡིས་སྐར་མ་ཕུར་བུའི་སྲུང་སྐར་གཉིས་པའི་རླུང་ཁམས་ཆེན་པོའི་ཁྲོད་ཆུ་ཡོད་པ་ཐོག་མར་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpeg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་ཟླ11པའི་ཚེས18ཉིན། ཨ་རིའི་ཞིབ་འཇུག་མི་སྣས་དབྱིན་ཇིའི《རང་བྱུང·གནམ་གཤིས་རིག་པ》ཞེས་པའི་དུས་དེབ་ཐོག་སྙན་ཞུ་སྤེལ་བར། སྐར་མ་ཕུར་བུའི་སྲུང་སྐར་གཉིས་པའི་རླུང་ཁམས་ཆེན་པོའི་ཁྲོད་ཆུ་ཞིབ་དཔྱད་ཚད་ལེན་ཐེངས་དང་པོ་བྱས་པར་སྐར་མ་ཕུར་བའི་སྲུང་སྐར་གཉིས་པའི་འཁྱག་རོམ་ངོས་ཀྱི་སྤྱི་ལེ་ཁ་ཤས་ཀྱི་འོག་ཏུ་རྒྱ་མཚོ་ཡོད་པའི་དཔང་རྟགས་མཁོ་འདོན་བྱས་ཡོད་པ་རེད།

8380d51ejw1emibl3h0odj20sg0g0tb5.jpg

   སྐར་ཕུར་བུའི་སྲུང་སྐར་གཉིས་པའི་མིང་གཞན་ལ་ཨའོ་ལའོ་པ་ཟེར་ཞིང་། བོངས་ཚད་ཟླ་བའི་གོ་ལ་དང་འདྲ་ལ། ཕྱི་ངོས་སུ་འཁྱགས་རོམ་མཐུག་པོ་ཆགས་ཡོད། འཁྱགས་རོམ་གྱི་འོག་ཏུ་ཕལ་ཆེར་རྒྱ་མཚོ་ཆེན་པོ་ཞིག་ཡོད་པར་ཚོད་དཔག་བྱས་ཡོད་ལ། དེ་གའི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡིས་ཉི་མའི་ཁྱིམ་རྒྱུད་ནང་སའི་གོ་ལའི་ཕྱི་རོལ་གྱི་ཚེ་སྲོག་འཚོལ་བའི“མཐོ་ཚད་ལ་དམིགས་ནས་དམིགས་འབེན་ལ་བརྟག་བཤེར་བྱེད་པ”ཞེས་བརྗོད་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།