ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཕྱི་རྒྱལ་གྱི་མི་གཏའ་གཉིས་བཙོན་གྲོལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱིས་ཉིན་དེར་ཕྱི་རྒྱལ་གྱི་མི་གཏའ་གཉིས་ཕྱིར་བཏང་སྟེ། སྲིད་གཞུང་གིས་ཧཱ་ཁཱ་ནེ་དྲ་རྒྱའི་བཙོན་མ་གསུམ་ཕྱིར་བཏང་བར་བཀའ་དྲིན་ཞུས། 

ཨ་ཧྥུའུ་ཧན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱིས་ལོ་རེ་གསུམ་ཅན་གྱི་ཨ་མེ་རི་ཁའི་མི་གཏའ་ཁའེ་ཝུན་ཅིན་དང་ལོ་ལྔ་བཅུ་ཅན་གྱི་ཨོ་སི་ཁྲུ་ལི་ཡཱའི་མི་ཏིས་མའོ་ཞི་ཆི་ཁི་སི་གཉིས་ཕྱིར་བཏང་། ཁོ་གཉིས་ནི་སྔོན་ཆད་ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་སློབ་ཆེན་གྱི་དགེ་རྒན་ཡིན་པ་རེད། 

ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་སློབ་ཆེན་གྱིས་དུས་མཉམ་དུ་གསལ་སྒྲོག་སྤེལ་ཏེ། མི་གཏའ་དེ་གཉིས་ཕྱིར་བཏང་བར་དགའ་བསུ་ཞུས། མི་གཏའ་དེ་གཉིས་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པར་ཧཱ་ཁཱ་ནེ་དྲ་རྒྱ་ཡིས་བཙན་ཁྲིད་བྱས་པ་རེད། 

ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོར་ཧཱ་ཁཱ་ནེ་དྲ་རྒྱའི་བཙོན་མ་གསུམ་ཕྱིར་བཏང་བ་དང་། དེའི་ནང་སྔོན་ཆད་ཀྱི་ཧཱ་ཁཱ་ནེ་དྲ་རྒྱའི་མགོ་བ་ཅཱ་ལཱ་ལེ་ཏེན་ཧཱ་ཁཱ་ནེའི་བུ་ཨ་ནཱ་སི་ཧཱ་ཁཱ་ནེ་འདུས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།