ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་འཇིགས་སྐུལ་དོན་རྐྱེན་བཟོས་པའི་དོགས་ཡོད་ཐལ་སྤྱོད་ཉེས་ཅན་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་པའོ་ལིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་པས་དམིགས་བསལ་འགུལ་སྐྱོད་སྤེལ་ཏེ་ཉིན་དེར་པའོ་ལིན་ནས་རྫས་འགྱུར་དངོས་རྫས་ཀྱིས་བཟོས་པའི་འགས་གཏོར་སྒྲིག་ཆས་བཀོལ་ནས་འཇིགས་སྐུལ་འཇབ་རྒོལ་བྱེད་རྩིས་ཡོད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཟེར། 

པའོ་ལིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་དེ་ལོ་ཉེར་དྲུག་ཡིན་པ་དང་། སི་རི་ཡཱའི་མི་ཡིན་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཁོས་དྲ་རྒྱའི་སྟེང་གི་ཁ་བརྡའི་ཟིན་ཐོ་ལས་འགས་གཏོར་སྒྲིག་ཆས་བཀོལ་ནས་འཇིགས་སྐུལ་འཇབ་རྒོལ་བྱེད་པའི་འབྲེལ་ཡོད་ནང་དོན་རྙེད་པ་རེད། ད་ལོའི་ཟླ་དང་པོ་ནས་བཟུང་། དོགས་ཡོད་ཉེས་ཅན་དེས་འགད་རྫས་བཟོ་བར་མཁོ་བའི་རྫས་འགྱུར་དངོས་རྫས་མང་བོ་ཉོས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱི་པའོ་ལིན་དུ་ཡོད་པའི་སྡོད་གནས་སུ་སྔོག་བཤེར་གསལ་བོ་བྱས། མིག་སྔར་དོགས་ཡོད་ཉེས་ཅན་དེས་དུས་ནམ་ཞིག་ལ་འགད་རྫས་འགས་གཏོར་གཏོང་བའི་འཆར་གཞི་ཡོད་པ་གསལ་བོར་མི་ཤེས་ཟེར། 

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད་པ་དང་། གྱོད་དོན་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་དྲག་ཤུགས་བྱ་འགུལ་ཞིག་ཏུ་རློམ་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།