ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྙན་ཞུའི་ནང་འཇར་མན་གྱི་སློབ་གསོ་དང་ཚན་ཞིབ་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལུགས་འཁོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ནང་མངོན་གསལ། འཇར་མན་གྱིས་སློབ་གསོ་དང་ཚན་ཞིབ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས2018ལོ་ཁོ་ནར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་སློབ་གསོ་དང་ཚན་ཞིབ་པུས་སློབ་གསོ་དང་ཚན་ཞིབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ཆེད་དོན་མ་དངུལ་ཡོ་སྒོར་དུང་ཕྱུར9.78ཙམ་བཏང་ཡོད་པ་རེད།

2015ལོ་ནས་བཟུང་འཇར་མན་སྲིད་གཞུང་གིས་ལོ་གཉིས་རེར་སློབ་གསོ་དང་ཚན་ཞིབ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྙན་ཞུ་ཐེངས་རེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ད་རེས་ཀྱི་སྙན་ཞུའི་ནང་གཙོ་བོ2017ལོ་དང2018ལོ་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཕྱིར་དྲན་བྱས་ཡོད། སྙན་ཞུའི་ནང2017དང2018ལོའི་ལོ་འཁོར་གྱི་དགུན་དུས་སློབ་དུས་སུ་འཇར་མན་དུ་ཡོད་པའི་ཕྱི་སྦྱོང་སློབ་མ་ཁྲི37.5ཟིན་ནས་སློབ་མའི་བསྡོམས་འབོར་གྱི13%ཙམ་བཟུང་ཡོད་ཅེས་འཁོད་ཡོད

སྙན་ཞུའི་ནང་ད་དུང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་སློབ་གསོ་དང་ཚན་ཞིབ་པུས2015ལོར་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་འཐབ་ཇུས2015ལོ་ནས2020ལོ་བར》ནང་འཇར་མན་གྱིས་ཚན་ཞིབ་དང་སློབ་གསོའི་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་བྱེད་པའི་ཐད་འཐབ་ཇུས་ཀྱི་སྒྲོམ་གཞི་བཟོས་ཡོད་ལུགས་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།