ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུའི་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱང་བཞུད་སྤྱི་སྤྱོད་རླངས་འཁོར་ཞིག་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་ཕེ་རུའི་བྱང་ཕྱོགས་ཀྱི་ལཱ་ལེ་པའོ་ཐཱ་ཏི་ཞིང་ཆེན་གྱི་མངའ་ཁོངས་སུ་བགྲོད་སྐབས་གཏིང་ཚད་ལ་རྨིད་སུམ་བརྒྱ་ཡོད་པའི་གྲོག་རོང་དུ་ལྷུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད། 

ཕེ་རུའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལཱ་ལེ་པའོ་ཐཱ་ཏི་ཞིང་ཆེན་གྱི་ཁཱ་ལན་ཁཱ་གྲོང་རྡལ་ནས་ཐི་ལུའུ་ཞེ་ལོས་གྲོང་ཁྱེར་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་དེས་འགྲུལ་བ་སུམ་ཅུ་དྲུད་ཡོད། མིག་སྔར་རྨས་མ་དག་མེ་གསོད་མི་སྣ་དང་སྨན་བཅོས་མི་སྣས་བསྐྱབས་ཏེ་ཐི་ལུའུ་ཞེ་ལོས་གྲོང་ཁྱེར་གྱི་སྨན་བཅོས་ལྟེ་གནས་སུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བརྡར་གཅོད་བྱས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་སྨུག་པ་འཐིབས་ཏེ་རྒྱང་རིང་མི་མཐོང་བ་དང་། དེའི་ཁར་ཆར་བབས་ཡོད་པ་ནི་འགྲུལ་སྐྱེལ་རླངས་འཁོར་དེ་ཚོད་འཛིན་བྱེད་ཐབས་བྲལ་ནས་གྲོག་རོང་དུ་ལྷུང་བའི་རྒྱུ་རྐྱེན་ཡིན་སྲིད་ཟེར། 

ཕེ་རུ་ནི་མེ་གླིང་ལྷོ་མའི་ནུབ་ཕྱོགས་སུ་གནས་པ་དང་། ཨན་ཏིས་སི་རི་བརྒྱུད་ཀྱིས་ལྷོ་ནུས་བྱང་དུ་བཅད་ཡོད། གཞུང་ལམ་ཀྱག་ཀྱོག་ཆེ་བ་དང་རྒྱང་རིང་མི་མཐོང་བ། མྱུར་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དབང་གིས་ཕེ་རུའི་མྱུར་བགྲོད་གཞུང་ལམ་སྟེང་དུས་རྒྱུན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་འབྱུང་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།