ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་བྱང་ཤར་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་བྱང་ཤར་མཐའ་མཚམས་ས་ཁུལ་གྱི་ཁཱ་མུས་ཧྲི་ལེ་གྲོང་ཁྱེར་དུ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུར་རྨས་ཕོག

བསྒྲགས་པ་ལྟར་ན། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་སི་རི་ཡཱའི་ཧཱ་སེ་ཁི་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཡོད་པའི་ཁཱ་མུའུ་ཧྲི་ལེ་གྲོང་ཁྱེར་ནས་བྱུང་། འགད་རྫས་དྲུད་པའི་རླངས་འཁོར་གསུམ་ཁཱ་མུས་ཧྲི་ལེ་གྲོང་ཁྱེར་ལྟེ་གནས་སུ་འགས་གཏོར་བྱུང་། མིག་སྔར་མི་སེར་དཀྱུས་མ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་བཅུར་རྨས་ཕོག་ཡོད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འགས་གཏོར་དོན་རྐྱེན་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་རེད་ཟེར། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།