ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དུས་གཏན་དུ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཨོ་པུའུ་ལེ་ཨིན་གྱིས་ཚེས་བཅུའི་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་ཧ་ཅང་གལ་ཆེན་ཡིན་པའི་དབང་གིས་ཨ་མེ་རི་ཁས་དུས་གཏན་དུ་རོགས་སྐྱོར་འདོན་སྤྲོད་བྱེད་མི་སྲིད་ཟེར། 

ཁོས་ཨ་མེ་རི་ཁའི་ཁོ་ལོན་པུ་ཡཱ་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་མཛའ་མཐུན་མཉམ་གནས་བྱས་ཏེ་ཞི་བདེའི་གྲོས་མཐུན་འགོད་པར་རེ་བ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་རོགས་སྐྱོར་འདོན་སྤྲོད་བྱེད་སྲིད་པར་བརྗོད་མི་སྲིད་ཟེར། 

ཁི་ལི་མུས་ཡཱ་ཉིས་སྟོང་བཅུ་བཞིའི་ལོར་སྤྱི་དམངས་ཀྱིས་འདེམ་ཤོག་འཕངས་ཏེ་ཝུའུ་ཁི་ལན་དང་བྲལ་ནས་ཨུ་རུ་སིའི་རྒྱལ་ཁོངས་སུ་ཞུགས་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་སོགས་དོན་རྐྱེན་རབ་དང་རིམ་པའི་དབང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད། 

ཨོ་པུའུ་ལའེ་ཨིན་གྱིས་བཤད་རྒྱུར། ཐི་ལིང་ཕུའུ་ནི་ཝུའུ་ཁི་ལན་ལ་གསོད་རྨས་རང་བཞིན་གྱི་དམག་དོན་མཚོན་ཆ་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐོག་མ་ཡིན་པ་རེད། ཕྱི་ཕྱོགས་ཀྱིས་དོ་སྣང་བྱེད་པའི་གནད་ས་དེ་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་ཀྱི་ཟླ་བདུན་པའི་ཁ་པར་གྲོས་མོལ་ཞིག་གི་ནང་དོན་ཡིན་པ་རེད་ཟེར། 

ཐེངས་དེའི་ཁ་པར་གྲོས་མོལ་དབང་གིས་དམངས་གྲོས་ཁང་གིས་དཔྱད་ཞིབ་བྱེད་མགོ་བརྩམས་པ་རེད། གཙོ་བོ་ཐི་ལིང་ཕུའུ་ཡིས་བཀའ་རྒྱ་བཏང་སྟེ་ཝུའུ་ཁི་ལན་གྱི་མེ་སྒོར་དུང་ཕྱུར་བཞི་ཙམ་གྱི་དམག་དོན་རོགས་སྐྱོར་མཚམས་འཇོག་ཏུ་བཅུག་སྟེ། ཙེ་ལེན་སི་ཅི་ཡིས་དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་པ་པེད་ཏིན་དང་དེའི་བུ་ཧིན་ཐི་ལ་རྟོག་ཞིབ་བྱེད་དུ་བཅུག་ཡོད་མིན་དེ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།