ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་གིས་ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་པར་དགའ་བསུ་ཞུས། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་ལྷོ་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་ས་ཕྱིར་འཐེན་བྱེད་མགོ་བརྩམས་པ་དང་། ཕྱིར་འཐེན་འགུལ་སྐྱོད་དེ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་བར་ཐད་ཀར་མཐུན་སྦྱོར་བྱས་རྗེས་སྤེལ་བ་རེད། གསལ་སྒྲོག་ལས་བཤད་རྒྱུར། ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་ན་ཐུར་ཁེ་ཡིས་སི་རི་ཡཱ་ལ་བཙན་འཛུལ་བྱེད་པར་ཁ་གཡོར་ས་མེད་པར་གྱུར་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་གིས་སྣ་མང་ཅན་གྱི་མི་རིགས་གྲུབ་ཚུལ་ལ་འགན་སྲུང་བྱས་ཤིང་། ཡང་བསྐྱར་སི་རི་ཡཱའི་སྤྱི་ཚོགས་སུ་ཞུགས་པ་དང་མི་རིགས་མཐུན་སྒྲིལ་ནང་ཡང་བསྐྱར་ཞུགས་པའི་སྤྱི་དམངས་ལ་སྒོ་གླེགས་ཡངས་པོར་ཕྱེས་རྒྱུ་ཡིན་ཟེར། 

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གི་སྨྱན་བྱད་གཞུང་སྒྲུབ་ཁང་ཞིག་གི་གཙོ་གཉེར་དཔོན་པོས་ཚེས་ཉེར་བདུན་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སི་རི་ཡཱའི་དམངས་གཙོ་དམག་དཔུང་སི་རི་ཡཱའི་མཐའ་མཚམས་ཀྱི་ཏའེ་ཨར་པཱ་ཞི་ཡེ་གྲོང་རྡལ་ནས་ཨ་མུའུ་ཏཱ་གྲོང་རྡལ་དུ་ཕྱིར་འཐེན་བྱས་པ་དང་། སི་རི་ཡཱའི་དམག་དཔུང་དེའི་རྗེས་སུ་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།