ཀྲུང་གོ་བོད་ཀྱི་དྲ་བ།

​ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་སི་རི་ཡཱའི་གནས་བབ་སོགས་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉེར་དྲུག་ཉིན་ཁ་པར་བརྒྱུད་དེ། སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཕིན་ཕའེ་ཨོ་ལ་ཁ་པར་བཏང་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་ཤིང་། ཨུ་རུ་སིའི་ཕྱོགས་ཀྱིས་རང་ཚོད་འཛིན་དགོས་པ་དང་། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གཏོར་བརླག་གཏོང་བའི་འགུལ་སྐྱོད་སྤེལ་མི་རུང་བ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ཀྱི་གནད་དོན་སྐོར་ཞིག་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།