ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དུས་ལྟར་སྤེལ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པིས་ཏི་སིན་གྱིས་ཚེས་བཅུ་དྲུག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ལ་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། ཁོས་སི་རི་ཡཱའི་སྲིད་གཞུང་བར་ཐུན་མོང་གི་ལྟ་ཚུལ་བཀོད་དེ། ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྤེལ་རྒྱུ་ཡིན་ཟེར། 

པིས་ཏི་སིན་གྱིས་སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མུའུ་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ཀྱིས་སི་རི་ཡཱའི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་གནོད་པ་མི་ཐེབས་པར་ཁག་ཐེག་བྱ་དགོས་ཟེར། ཁོས་བསྟན་དོན། ཁོས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་བྱ་བའི་ཐད་ནས་གྲོས་བསྡུར་གང་ལེགས་བྱས་ཡོད་པ་དང་། དེས་ཆབ་སྲིད་འཕེལ་རིམ་གྱི་སྒོ་གླེགས་ཡངས་པོར་ཕྱེས་ཐུབ་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།