ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐི་ལིང་ཕུའུ་ཡི་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་བཏོན་པའི་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མི་བྱེད་ཀྱང་། ཨ་མེ་རི་ཁའི་བར་གྲོས་མོལ་སྲུང་འཛིན་བྱེད་པ་འཐད་པ་བྱུང་ཡོད་ཟེར། 

ཨ་སེ་པེད་ཅང་དུ་འཚམས་འདྲི་བྱས་རྗེས་ཕྱིར་ཐུར་ཁེ་རུ་ལོག་པའི་ལམ་བར་ནས་ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེའི་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐི་ལིང་ཕུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཁོར་ཁ་པར་གཏོང་སྐབས། ཐུར་ཁེ་དང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཚེས་བཅུ་དྲུག་ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་རུ་སོང་ནས་དོན་དེར་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་དང་ཁུའུ་ཨར་ཏི་དྲག་ཆས་པས་ཨ་མེ་རི་ཁའི་འདུམ་འགྲིག་འོག་སྔོན་ལ་གྲོས་མཐུན་ཞིག་བཀོད་ནས། དེའི་རྗེས་སུ་ད་གཟོད་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་གླེང་དགོས་ཟེར། ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཁོས་ཁ་པར་གཏོང་སྐབས་ཐི་ལིང་ཕུའུ་ལ་ཐུར་ཁེའི་ལངས་ཕྱོགས་གསལ་བོར་བསྟན་ཡོད་དེ། ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་ནས་ཡོངས་སུ་མཐར་སྐྲོད་མ་བཏང་གོང་ཁོས་འཁྲུག་རྩོད་མཚམས་འཇོག་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།