ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་མཚོ་དམག་གིས་ས་དཀྱིལ་མཚོ་ཁོངས་ནས་ལྐོག་འགྲོས་མཁན་སུམ་བརྒྱ་དང་ཉེར་དགུ་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་དམག་ལ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཟླ་འདིའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ས་དཀྱིལ་མཚོ་ཁོངས་ནས་ལྐོག་འགྲོས་མཁན་སུམ་བརྒྱ་དང་ཉེར་དགུ་བསྐྱབས་ཡོད་ཟེར། 

མའོ་ལོ་ཀིའི་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཉིན་བཞིའི་ནང་ས་དཀྱིལ་མཚོ་ཁོངས་ནས་འགྱིག་བཟོས་གྲུ་གཟིངས་མང་བོ་དཀའ་ཁག་ལ་འཕྲད་ཡོད་པ་རྙེད་ནས། མི་སུམ་བརྒྱ་དང་ཉེར་དགུ་བསྐྱབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ལྐོག་འགྲོས་མཁན་དེ་དག་ལས་མང་ཆེ་བ་ནི་སཱ་ཧཱ་ལཱ་ལྷོ་མའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ནས་ཡོང་བ་ཡིན་ཞིང་། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དེའི་ནང་བདེ་ཐང་གནས་ཚུལ་མི་བཟང་བའི་མི་ཞིག་ལ་དགོས་ངེས་ཀྱི་བདག་སྐྱོང་བྱས། མིག་སྔར་མི་སུམ་བརྒྱ་དང་ཉེར་དགུ་བོ་ཚང་མ་མའོ་ལོ་ཀིའི་བྱང་ཕྱོགས་ཀྱི་གྲུ་ཁར་བསྐྱལ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།