ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་ཨ་མེ་རི་ཁའི་བཅའ་སྡོད་དམག་མི་སྔར་ལས་མང་བོ་དང་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱིས་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁའི་བཅའ་སྡོད་དམག་མི་སྔར་ལས་མང་བོ་དང་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱི་མཛུབ་སྟོན་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་འབྲེལ་བ་དང་གྲོགས་པོའི་འབྲེལ་བ་གཞིར་བཟུང་ནས། སོ་ཏི་ཨ་རབ་ཀྱིས་ཨ་མེ་རི་ཁས་ཁ་སྣོན་བྱས་པའི་དམག་དཔུང་དང་དམག་དོན་སྒྲིག་ཆས་དང་ལེན་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ལ་འཇིགས་ཉེན་བཟོ་བའི་གཡོ་ཇུས་གང་རུང་ལ་ཆམ་ཕབ་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་སྲིད་གཞུང་གིས་མཉམ་གཅིག་ཏུ་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་དམག་དོན་གྲོགས་པོའི་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་འཐབ་ཇུས་འབྲེལ་བ་ཡིན་ལ། ཕྱོགས་གཉིས་ཀྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་གྲོས་མཐུན་ལ་འགན་སྲུང་བྱེད་པའི་སྐོར་གྱི་ལོ་རྒྱུས་རང་བཞིན་གྱི་རྒྱུན་བསྲིང་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།