ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་གྱི་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་གི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་གྱི་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་འཇབ་རྒོལ་མཁན་གྱིས་འགད་རྫས་འགས་གཏོར་མ་བཏང་གོང་དེ་བསད་པ་རེད། གསལ་སྒྲོག་ལས་འདྲ་པར་གཉིས་ཟུར་དུ་བཀོད་ཡོད་པ་དང་། འདྲ་པར་གཅིག་ལས་སྐྱེས་པ་ཞིག་ཁྲག་ནང་དུ་འགྱེལ་ཡོད་པ་དང་། འདྲ་པར་གཅིག་ཏུ་འགད་རྫས་ཀྱི་སྐ་རགས་ཤིག་ཡོད་པ་རེད། 

གསལ་སྒྲོག་ལས་འཇབ་རྒོལ་གྱི་བྱེ་བྲག་གི་དུས་ཚོད་དང་ནང་དོན་ཞིབ་རྒྱས་གསལ་བོར་འདོན་སྤྲོད་བྱས་མེད། 

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གནས་བབ་ཛ་དྲག་ཡིན་ཞིང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པར། ཨེ་ཅིབ་དམག་དཔུང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞི་ནེ་ཞེས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས། ན་ནིང་གི་ལོ་མཇུག་བར་དུ་འགུལ་སྐྱོད་དེ་ལས་འཇིགས་སྐུལ་ཉེས་ཅན་བཞི་བརྒྱ་དང་ལྔ་བཅུ་བསད་ཡོད། ད་ལོའི་ཚུན་ལ། ཨེ་ཅིབ་ཀྱི་བདེ་འཇགས་དམག་དཔུང་གིས་ཐེངས་མང་བོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བ་རེད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།