ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་ཕྱོགས་གཉིས་ཀྱི་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གི་དཔོན་རིགས་དང་ས་གནས་འཕྲོད་བསྟེན་སྡེ་ཁག་གི་མི་སྣས་ཚེས་བརྒྱད་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཡེ་མིན་ལྷན་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་དུ་འཁྲུག་རྩོད་བྱས་པ་དང་། ཕྱོགས་གཉིས་ཀྱི་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བསྟན་དོན། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཏཱ་ལེ་ཨ་ཞིང་ཆེན་གྱི་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་རྟེན་གཞི་འགའ་ཚོད་འཛིན་བྱེད་པའི་ཧུའུ་སེ་དྲག་ཆས་པར་དཔུང་འཇུག་བྱས་པ་དང་། དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་པ་བརྒྱུད། སྲིད་གཞུང་དམག་དཔུང་གིས་དམག་དོན་རྟེན་གཞི་དེ་དག་གི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་པ་དང་། ཧུའུ་སེ་དྲག་ཆས་པའི་མི་སྣ་ཉེ་འདབས་ཀྱི་དབྱེ་པུའུ་ཞིང་ཆེན་དུ་བྲོས་བྱོལ་བྱས་ཟེར། འཁྲུག་རྩོད་ཁྲོད་དུ་སྲིད་གཞུང་དམག་དཔུང་གི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

གཞན་ཡང་ཏཱ་ལེ་ཨ་ཞིང་ཆེན་གྱི་འཕྲོད་བསྟེན་སྡེ་ཁག་གི་མི་སྣས་བཤད་རྒྱུར། ཉིན་དེའི་འཁྲུག་རྩོད་ཁྲོད། ཧུའུ་སེ་དྲག་ཆས་པའི་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་འགར་རྨས་ཕོག་ཡོད་ཟེར། 

དུས་ཡུན་ངེས་ཅན་ཞིག་གི་ནང་། ཧུའུ་སེ་དྲག་ཆས་པས་ཏཱ་ལེ་ཨ་ཞིང་ཆེན་ནས་གཞི་རྒྱ་ཆེ་བའི་འཇབ་རྒོལ་དོན་རྐྱེན་བཟོས། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་སྐོར་ཞིག་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།