ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ཐུང་གིས་ཀི་ལུའུ་ཅི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བདུན་ཉིན་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ནས་བསྟན་དོན། འཇར་མན་གྱིས་ཀི་ལུའུ་ཅི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཉིན་དེར་ཧྲི་ཐེ་ཡུན་མེད་ཨར་དང་ཀི་ལུའུ་ཅི་ཡཱའི་ཙུང་ཐུང་ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་གྲོས་མོལ་བྱས། ཧྲི་ཐེ་ཡུན་མེད་ར་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། རྒྱལ་ཁབ་གཉིས་བར་སྔར་ནས་ཡོད་པའི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་དགོས་པའི་ཚུལ་བསྟན། འཇར་མན་གྱིས་ཆབ་སྲིད་ཐད་ནས་ཀི་ལུའུ་ཅི་ཡཱ་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 

ཧྲི་ཐེ་ཡུན་མེད་ཨར་གྱིས་འཇར་མན་དང་ཀི་ལུའུ་ཅི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡིད་ཚིམས་པའི་ཚུལ་བསྟན། ཁོས་བསྟན་དོན། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གནས་སྐོར་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ས་ཁུལ་གྱི་བདེ་འཇགས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པ་དང་། ཀི་ལུའུ་ཅི་ཡཱ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།