ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གི་དམིགས་འབེན་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཚེས་བདུན་ཉིན་གྱི་དགོང་མོར་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་མཐའ་མཚམས་སུ་ཁུལ་དུ་ཡོད་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གི་དམིགས་འབེན་ལ་འཇབ་རྒོལ་བྱས་ཟེར། 

བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཚེས་བདུན་ཉིན་གྱི་དགོང་མོར་ཧཱ་སེ་ཁི་ཞིང་ཆེན་གྱི་བྱང་ཤར་ཕྱོགས་དང་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ཀྱི་མཱ་ལེ་ཅི་ཡེ་གྲོང་རྡལ་ཉེ་འདབས་སུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས། དམིགས་འབེན་ནི་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གི་འཐབ་ར་ཡིན་པ་རེད། འཇབ་རྒོལ་ལས་རྒྱུ་ནོར་གྱི་གྱོང་གུད་བཟོས་ཡོད་ཀྱང་། མི་སྣར་ཤི་རྨས་བྱུང་མེད། ཐེངས་འདིའི་འཇབ་རྒོལ་ནི་ཐུར་ཁེའི་བཙན་འཛུལ་གྱི་བྱ་སྤྱོད་ཅིག་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།