ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་དྲ་རྒྱའི་དཔུང་འཇུག་མང་དུ་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དཔོན་ཕྱོགས་ཀྱི་སྨྱན་བྱད་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་འདས་པའི་དུས་སྐབས་ཤིག་གི་ནང་ཐེངས་མང་བོར་དབྱི་ལིང་དུ་དྲ་རྒྱའི་དཔུང་འཇུག་བྱས་པ་དང་། དབྱི་ལིང་གིས་བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

   དབྱི་ལིང་དམངས་སྲུང་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་ཅཱ་ལཱ་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཐེངས་མང་བོར་དབྱི་ལིང་གི་དྲ་རྒྱར་འཇིགས་ཉེན་བཟོས་པའམ་ཡང་ན་དཔུང་འཇུག་བྱས། དབྱི་ལིང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་དེ་དག་ཐད་ནས་ཨ་མེ་རི་ཁས་བཅའ་ཁྲིམས་ཀྱི་འགན་འཁྲི་ཁུར་དགོས། དབྱི་ལིང་ཁྲིམས་འཛིན་སྡེ་ཁག་དང་ཕྱི་འབྲེལ་པུའུ་ཡིས་དྲ་རྒྱའི་དཔུང་འཇུག་གྱོད་དོན་དེ་དག་ཐག་གཅོད་བྱེད་བཞིན་ཡོད་པ་དང་། བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་བཞིན་ཡོད་ཟེར། 

   ཅཱ་ལཱ་ལེ་ཡིས་བཤད་རྒྱུར། དབྱི་ལིང་དམངས་སྲུང་རྩ་འཛུགས་ཀྱིས་འདས་པའི་ལོ་ངོ་ཕྱེད་ཀའི་རིང་ལ་མཉམ་འབྲེལ་དྲ་རྒྱའི་དཔུང་འཇུག་ལ་འགོག་རྒོལ་བྱེད་པའི་སྦྱོང་བརྡར་ཐེངས་བརྒྱ་དང་ཉི་ཤུ་སྤེལ་བ་དང་། དེའི་ནང་བརྒྱ་ཆའི་བདུན་ཅུའི་དམིགས་ཡུལ་ནི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་དང་རྡོ་སྣུམ་རྫས་འགྱུར་བཟོ་གྲྭ། རྡོ་སྣུམ་དང་སོལ་རླངས་ཀྱི་སྐྱེལ་འདྲེན་སོགས་ནུས་ཁུངས་སྒྲིག་ཆས་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།