ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ཁ་པར་གྲོས་མོལ་ནང་དོན་ཁྱབ་སྒྲོག་བྱས་པ་ལས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་ཉེན་ཁ་ཡོད་པ་མཚོན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་ཀྱི་ཁ་པར་གྲོས་མོལ་ནང་དོན་ཁྱབ་སྒྲོག་བྱས་པ་དང་། དེ་ལས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་ཉེན་ཁ་ཡོད་པ་མཚོན་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་བསྟན་དོན། བྱ་སྤྱོད་དེ་ལས་བསྒྱུར་བ་ནི་རྒྱལ་ཁབ་དང་མགོ་ཁྲིད་པའི་བར་གྱི་འབྲེལ་བའི་རྣམ་པ་ཡིན་ཞིང་། དོན་རྐྱེན་དེའི་རྗེས་སུ་ཕྱོགས་ཁག་སོ་སོས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་ཉེན་ཁ་ཡོད་པ་གསལ་བོར་རྟོགས་སྲིད་ཟེར། ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨ་མེ་རི་ཁའི་བྱ་སྤྱོད་དེའི་མཇུག་འབྲས་མི་ལེགས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བསམ་བློར་བར་ཆད་བཟོས་ཡོད་ཟེར། 

གླེང་ཕྱོགས་ཀྱི་གནོན་ཤུགས་འོག ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་ལྔ་ཉིན་ཐི་ལིང་ཕུའུ་དང་ཙེ་ལེན་སི་ཅི་གཉིས་ཀྱི་ཁ་པར་གྲོས་མོལ་གྱི་ཟིན་ཐོ་ཁྱབ་སྒྲོག་བྱས། ཐི་ལིང་ཕུའུ་ཡིས་ཁ་པར་ནང་དུ་པེད་ཏིན་གྱིས་སྔོན་ཆད་ཝུའུ་ཁི་ལན་གྱི་ཁྲིམས་འཛིན་ལ་ཐེ་གཏོགས་བྱས་ཏེ། ཝུའུ་ཁི་ལན་གྱི་ཞིབ་དཔྱོད་ལས་ཁུངས་ལ་པེད་ཏིན་གྱི་བུ་ཧིན་ཐི་དང་འབྲེལ་བའི་རྟོག་ཞིབ་མཚམས་འཇོག་ཏུ་བཅུག་མྱོང་བ་དང་། ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན། ཙེ་ལེན་སི་ཅི་ཡིས་བསྟན་དོན། ཁོས་ཝུའུ་ཁི་ལན་གྱི་གསར་དུ་འགན་ཁུར་བའི་ཞིབ་དཔྱོད་དཔོན་པོས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་དུ་འཇུག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།