ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་བཅོ་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཅིག་གི་ཁྲོད་དུ་འཇིགས་སྐུལ་ཉེས་ཅན་བཅོ་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྟོག་ཞིབ་ལས་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་ཨ་ལི་ཧྲི་གྲོང་ཁྱེར་གྱི་ཞིང་ར་ཞིག་ཏུ་སྦས་སྐོང་བྱས་ཡོད་པ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བའི་འཆར་གཞི་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཞིང་ར་དེར་གློ་བུར་དུ་འཇབ་རྒོལ་བྱས་པར་མ་ཟད། འཇིགས་སྐུལ་ཉེས་ཅན་དང་འཁྲུག་རྩོད་བྱས་ཏེ། འཇིགས་སྐུལ་ཉེས་ཅན་བཅོ་ལྔ་བསད་ཟེར། གསལ་སྒྲོག་ལས་ཐེངས་འདིའི་འགུལ་སྐྱོད་དེ་དུས་ནམ་ཞིག་ལ་སྤེལ་བ་གསལ་བོར་གླེང་མེད། 

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། ད་ལོའི་ཚུན་ལ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཐེངས་མང་བོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།