ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དམག་ཕྱོགས་ཀྱིས་ཞི་ནཱ་ཕྱེད་གླིང་ནས་འཇིགས་སྐུལ་ཉེས་ཅན་བརྒྱ་ལྷག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དམག་ཕྱོགས་ཀྱིས་ཉེ་ལམ་ཞི་ནཱ་ཕྱེད་གླིང་བྱང་ཕྱོགས་དང་དབུས་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ནས། ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་བརྒྱ་དང་བཅོ་བརྒྱད་བསད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་ཉིན་འགའི་རིང་གི་ཐོལ་རྒོལ་འགུལ་སྐྱོད་ཁྲོད་ཨ་མེ་རི་ཁའི་དམག་ཕྱོགས་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་སོ་གསུམ་དང་། འགས་གཏོར་སྒྲིག་ཆས་ཉིས་བརྒྱ་དང་སོ་གསུམ་དང་རླངས་འཁོར་བརྒྱ་དང་ང་གཉིས། འཕྲུལ་རྟ་ཞེ་གཉིས་བཅས་རྙེད་ནས་གཏོར་བཤིག་བཏང་། 

གསལ་སྒྲོག་ལས་ད་རུང་དམག་ཕྱོགས་ཀྱི་དམག་དཔོན་གཅིག་དང་དམག་མི་དགུ་འགུལ་སྐྱོད་ཁྲོད་ཤི་རྨས་ཐེབས་ཡོད་པར་བཤད་ཀྱང་། ཤི་རྨས་ཐེབས་པའི་བྱེ་བྲག་གི་མི་གྲངས་གསལ་བོར་བཤད་མེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།