ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོས་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་ཡིས་དམག་དོན་ལག་རྩལ་གྱི་མཉམ་ལས་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་མའོ་སི་ཁི་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་གཉིས་ཀྱིས་ཉེ་སྔོན་མའོ་སི་ཁི་ནས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་གྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། མཉམ་ལས་དེ་རིགས་མུ་མཐུད་དུ་སྤེལ་རྒྱུའི་ཚུལ་བསྟན་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་དེའི་སྔོན་ཝེ་ནེ་ཙུའེ་ལཱར་འདོན་སྤྲོད་བྱས་པའི་དམག་དོན་སྒྲིག་ཆས་སྐོར་ཞིག་ལ་ཞིག་གསོ་བྱེད་དགོས་པ་དང་། ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ཀྱིས་བྱ་བ་མཉམ་དུ་སྤེལ་ནས། ཨུ་རུ་སིའི་ཕྱོགས་ཀྱིས་སྒྲིག་ཆས་དེ་དག་ལ་ཞིག་གསོའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད། དེ་ལས་གཞན་ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་གཞན་པར་བརྟེན་ནས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་རིགས་སྣ་ཚོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། 

ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་གནས་བབ་གླེང་སྐབས་ཕའེ་སི་ཁི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཝེ་ནེ་ཙུའེ་ལཱའི་གནད་དོན་གང་ཡིན་ཡང་ཕྱི་རྒྱལ་གྱི་ཐེ་གཏོགས་མེད་པའི་གནས་ཚུལ་འོག་ཐག་གཅོད་བྱེད་དགོས། ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཐེངས་གཅིག་མ་ཡིན་པར་གྲོས་མོལ་བྱེད་དགོས་པའི་བསམ་ཚུལ་བསྟན་པ་དང་། དེ་ལས་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གི་བབ་བསྟུན་རང་བཞིན་མངོན་པར་མཚོན་ཡོད་ལ། ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཕྱོགས་ཁག་གིས་ཀྱང་དེར་མཐུན་གྱི་རྣམ་འགྱུར་བསྟན་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།