ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སུམ་ཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སུམ་ཅུ་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཞེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་རྟེན་གཞིར་དམག་དོན་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་སུམ་ཅུ་བསད་པ་དང་། དྲག་ཆས་ཉེས་ཅན་བཞི་བཅུར་རྨས་ཕོག རླངས་འཁོར་གསུམ་གཞུང་བཞེས་བྱས་པར་མ་ཟད་ན་གཞོན་ཏང་གི་ཁོངས་མི་བཀག་འཇུག་བྱས་ཡོད། སྲིད་གཞུང་དམག་དཔུང་ཕྱོགས་ལའང་ཤི་རྨས་རེ་འགའ་བྱུང་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་དྲག་ཆས་ཉེས་ཅན་གྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་དྲག་པོ་བྱས་སོང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།