ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཏམ་བཤད་སྤེལ་ཏེ་ཡང་བསྐྱར་དབྱི་ལིང་ལ་གནོན་ཤུགས་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ9བའི་ཚེས24ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་བཞིའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས། དབྱི་ལིང་གིས་རང་གི་འཇིགས་སྐུལ་བྱ་སྤྱོད་མ་བསྒྱུར་ན། ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་ལ་ཐལ་དྲགས་པའི་གནོན་ཤུགས་སྟེར་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གི་འཇིགས་སྐུལ་བྱ་སྤྱོད་མུ་མཐུད་དུ་ཡོད་ན། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མཚམས་འཇོག་མི་སྲིད་པ་དང་། བཀག་སྡོམ་བྱེད་ཐབས་ལ་ཤུགས་སྣོན་བྱེད་ངེས་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེའི་གཏམ་བཤད་མ་སྤེལ་གོང་། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཉིག་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་བཟོ་བཅོས་དང་ཁ་གསབ་བྱེད་པའི་གྲོས་བསྡུར་ལ་དང་ལེན་གྱི་རྣམ་འགྱུར་བཅངས་ཡོད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མཚམས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།