ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥུའུ་ཧན་གྱི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་ཧྥུའུ་ཧན་ནས་ཉིན་དེར་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་ལ་རྒོལ་གཏམ་དྲག་པོ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨ་ཧྥུའུ་ཧན་གྱི་ཕཱ་ཨར་ཝན་ཞིང་ཆེན་དང་རྒྱལ་ས་ཁཱ་པོར་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོའི་ཁྱིམ་མི་དང་ཨ་ཧྥུའུ་ཧན་སྲིད་གཞུང་དང་མི་དམངས་བཅས་ལ་འཚམས་འདྲི་བྱས། 

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། རིགས་དེ་མཚུངས་ཀྱི་ནག་ཉེས་བཟོ་མཁན་དེ་ངེས་པར་དུ་ཁྲིམས་ལ་སྦྱོར་དགོས་ཟེར། 

ཚེས་བཅུ་བདུན་ཉིན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཨར་ཝན་ཞིང་ཆེན་ནས་སྤེལ་བའི་ཙུང་ཐུང་འགྲན་རྩོད་ཀྱི་འདུ་ཚོགས་བྱ་འགུལ་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོག ཉིན་དེའི་དགོང་མོར་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བརྒྱད་ལ་རྨས་ཕོག ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁྱབ་སྒྲོག་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།