ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཁྲའོ་ཞན་གྱི་དྲ་རྒྱའི་རྩ་འཛུགས་གསུམ་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱི་དྲ་རྒྱའི་རྩ་འཛུགས་གསུམ་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱ་མཚན་ནི་དེ་དག་དྲ་རྒྱའི་བྱ་སྤྱོད་མི་ལེགས་པར་འབྲེལ་བ་ཡོད་པས་རེད། 

གསལ་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་ཐེབས་པའི་དྲ་རྒྱའི་རྩ་འཛུགས་གསུམ་པོར་ཁྲའོ་ཞན་སྲིད་གཞུང་གིས་མ་དངུལ་རོགས་སྐྱོར་བྱེད་བཞིན་ཡོད་ཅིང་། ཕྱི་རྒྱལ་གྱི་སྲིད་གཞུང་དང་ཁེ་ལས། དངུལ་ལོར་ལས་ཁུངས་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་སོགས་ལ་དྲ་རྒྱའི་བྱ་སྤྱོད་མི་ལེགས་པ་སྤེལ་བའི་དོགས་གཞི་ཡོད། འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་པའི་ཚོགས་པའི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱེད་མི་རུང་བ་རེད། 

ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་པན་མིན་ཏེན་ནས་གྲོས་མོལ་བྱས་རྗེས། ཕྱོགས་གཉིས་ཀྱི་གྲོས་མོལ་དེ་ཛ་དྲག་གི་གནས་སུ་ལྷུང་། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་དང་པོ་ཚོས་ཧྲན་ཅི་ཡིས་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་དགུ་བའི་ཟླ་སྨད་དུ་ཨ་མེ་རི་ཁའི་བར་བྱ་བའི་གྲོས་མོལ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།