ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ནུབ་ཕྱོགས་ས་ཁུལ་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་བཞིར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། འཇར་མན་ནུབ་ཕྱོགས་ཀྱིས་ལའེ་ཡུན་བྱང་མ་དང་ཝེ་སི་ཐི་ཧྥ་ལེ་ཡཱ་ཀྲིག་གི་གྲོང་རྡལ་ཆུང་བ་ཨ་ཨར་ཧྲིན་ནས་ཉིན་དེའི་ཕྱི་དྲོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་བཞིར་རྨས་ཕོག 

འཇར་མན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་ཨར་ཧྲིན་གྱིས་ཉིན་དེར་སྲོལ་རྒྱུན་གྱི་སྐམ་བསྲེག་དུས་ཆེན་གྱི་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། འགས་གཏོར་ལས་མི་བཅུ་བཞིར་རྨས་ཕོག་པ་དང་། དེའི་ནང་མི་དྲུག་ལ་རྨས་ལྗིད་མོ་ཕོག རྨས་ལྗིད་མོ་ཕོག་མཁན་དག་གྱེན་འཕུར་གནམ་གྲུ་བཀོལ་ནས་ཉེ་འདབས་ས་ཁུལ་གྱི་ཆེད་དོན་སྨན་ཁང་དུ་བསྐྱལ། 

ས་དེའི་ཉེན་རྟོག་ཕྱོགས་དང་མེ་གསོད་དམག་དཔུང་། རྒུད་སྐྱོབ་མི་སྣ་བཅས་ལ་དོན་རྐྱེན་བྱུང་རྗེས་ཡུལ་དངོས་སུ་འབྱོར་ཏེ། མེ་གསོད་དང་རྨས་མར་གསོ་བཅོས་ཀྱི་འགན་ཁུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།